དཔུང་པར་ན་ཟུག་རྒྱག་པ་དེ་དཔུང་ཚིགས་གཉན་ཚད་ཡིན་པའི་ངེས་པ་མེད་པར་དཔུང་པར་རྨས་སྐྱོན་ཕོག་པའང་ཡིན་སྲིད་པ།

འགྲེམས་བསྒྲགས་དུས་ཚོད།:2022-09-28

ལོ་ན་རྒན་དར་མང་པོས་དཔུང་པར་ན་ཟུག་གཏོང་དུས་རང་ཉིད་ལ་དཔུང་ཚིགས་གཉན་ཚད་རྒྱས་པར་བརྩི་གི་ཡོད། དོན་དངོས་ཐོག་དཔུང་པར་རྨས་སྐྱོན་ཕོག་ནའང་དཔུང་ཚིགས་ལ་ན་ཟུག་རྒྱག་གི་ཡོད། དཔུང་ཚིགས་གཉན་ཚད་དང་དཔུང་པར་རྨས་སྐྱོན་ཕོག་པ་གཉིས་ཀས་དཔུང་ཚིགས་ལ་ན་ཟུག་རྒྱག་པའམ་འགུལ་སྐྱོད་བྱེད་མི་བདེ་བ་ཡོང་གི་ཡོད་མོད། འོན་ཀྱང་ནད་གཞི་འདི་གཉིས་ལ་ངོ་བོའི་ཁྱད་པར་ཡོད་པ་མ་ཟད། སྨན་བཅོས་བྱེད་སྟངས་ཀྱང་གཅིག་པ་མ་རེད།

གང་ཞིག་ལ་དཔུང་པར་རྨས་སྐྱོན་ཕོག་པ་ཟེར་རམ། དཔུང་པ་ནི་དཔུང་རྐང་གི་སྟེང་འོག་དང་རྒྱབ་མདུན་གྱི་ཤ་གནད་བཞི་པོའི་ཚོགས་ཀྱི་སྤྱི་མིང་ཡིན་ཞིང་། ཤ་གནད་དེ་དག་གིས་དཔུང་ཚིགས་ཀྱི་འགུལ་སྐྱོད་དང་ཤུགས་ལ་ཚོད་འཛིན་བཟོ་གི་ཡོད།  ལོ་ན་རྒན་དར་ཁྲོད་དཔུང་པར་རྨས་སྐྱོན་ཕོག་ཅུང་མང་བ་ཡོད་པ་དེས་དཔུང་པའི་ནད་ལྟ་བར་ཡོང་མཁན་གྱི་བརྒྱ་ཆ་30ནས་40བར་ཟིན་གྱི་ཡོད།

གང་འདྲ་ཞིག་ལ་དཔུང་ཚིགས་གཉན་ཚད་ཟེར་རམ། དེ་ནི་དཔུང་པའི་ཚིགས་ཤུབས་ལ་གཉན་ཁ་རྒྱས་པ་དང་། འབྱར་བ། མཐུག་ཏུ་ཕྱིན་པ་བཅས་ལ་ཟེར་བ་དང་། ད་ཆ་ཆེས་ཚན་རིག་དང་མཐུན་ཤོས་ཀྱི་ནད་རྟགས་དཔྱོད་སྟངས་ནི་འབྱར་བའི་རང་བཞིན་གྱི་དཔུང་པའི་ཚིགས་ཤུབས་གཉན་ཁ་ཟེར་ཞིང་། ན་ཟུག་རྒྱག་པའི་དུས་དང་། བསྡམས་བཅད་དུས། ཞི་ལྷོད་དུས་བཅས་དུས་མཚམས་གསུམ་ཚུད་ཡོད།

རང་ཉིད་ལ་དཔུང་ཚིགས་གཉན་ཚད་དང་དཔུང་པར་རྨས་སྐྱོན་ཕོག་པ་གང་ཡིན་མིན་དབྱེ་བ་ཇི་ལྟར་འབྱེད་དགོས་སམ།

དཔུང་པར་རྨས་སྐྱོན་ཕོག་པ། གལ་ཏེ་རང་ཉིད་ལོ་ན་55ལས་བརྒལ་བ་དང་། དཔུང་པ་འགྱོགས་པ་དང་། ཅ་ལག་འགྱོགས་པ། གཉིད་ཉལ་བའི་སྐབས་དཔུང་པར་ན་ཟུག་རྒྱག་པ་དང་ཤུགས་མེད་པའི་ཚོར་སྣང་སྐྱེས་ན་དཔུང་པར་རྨས་སྐྱོན་ཕོག་པའི་དོགས་པ་ཆེན་པོ་ཡོད། གལ་ཏེ་དཔུང་པར་རྨས་སྐྱོན་ཅུང་ཚབས་ཆེན་ཕོག་ན་དཔུང་པ་ཡར་འགྱོགས་ཐབས་བྲལ་སྲིད།

དཔུང་ཚིགས་གཉན་ཚད། ལོ་ན་50ཡས་མས་སུ་ཕོག་སླ་པོ་ཡོད་ཅིང་། དཔུང་ཚིགས་འགུལ་ནས་ཚད་གང་ཙམ་ཞིག་ལ་སླེབས་སྐབས་ན་ཟུག་ཤུགས་ཆེན་པོ་གཏོང་བ་དང་འགུལ་སྐྱོད་བྱེད་བདེ་པོ་མེད། གལ་ཏེ་ད་དུང་ཁྱེད་ལ་གཅིན་སྙི་ཟགས་ཁུའི་ནད་དང་སྐེ་རྨེན་འཕེལ་ནད་དམ་ཨོལ་གོང་གཤེར་རྨེན་གྱི་བྱེད་ནུས་ཉམས་པ་སོགས་ཀྱི་ནད་གཞི་ཡོད་ན། དཔུང་ཚིགས་གཉན་ཚད་ཀྱི་དོགས་པ་ཆེན་པོ་ཡོད།

དོ་སྣང་བྱེད་དགོས་པར། ནད་ཡམས་རིག་པ་ལས་ཤེས་རྟོགས་བྱུང་བར། ན་གཞོན་ལ་དཔུང་ཚིགས་གཉན་ཚད་ཕོག་པའི་ཉེན་ཁ་ཧ་ཅང་ཆུང་བ་ཡོད།

དཔུང་པར་རྨས་སྐྱོན་ཕོག་དོན་གང་ཡིན་ནམ།

1.གཟུགས་པོའི་གྲུབ་ཆར་འགྱུར་ལྡོག་འགྲོ་བ། ལོ་ན་རྒས་པ་དང་བསྟུན་ནས་དཔུང་པའི་རྒྱུས་པའི་སྤུས་ཀ་ཇེ་ཞན་དུ་ཕྱིན་ཏེ། རྨས་སྐྱོན་ཕོག་སླ་བ་དང་གསོ་བདེ་པོ་མེད་པ་དང་། དཔུང་པའི་མཐའ་འཁོར་གྱི་རུས་པར་རུས་སྨྱོ་སྐྱེ་བ།

2.གཅོང་ནད།(ནང་ནས་རྨས་པ) ཉིན་ལྟར་དཔུང་པས་ཤུགས་རྒྱག་དགོས་པ་སྟེ། དངོས་པོ་ལྗིད་པོ་འགྱོགས་པ་དང་། ཅ་ལག་ལེན་པ། སྐྲ་ཤད་རྒྱག་པ། ངོ་གདོང་བཀྲུ་བ། གོས་གྱོན་པ་སོགས་བྱེད་དགོས་པས། དཔུང་པ་དང་དེའི་མཐའ་འཁོར་གྱི་རུས་སྨྱོ་ཡང་སེ་བརྡར་བ་སོགས་ལས་དུས་ཡུན་རིང་པོ་སོང་ཚེ་དཔུང་པར་བརྡར་ཟད་ཐེབས་ཀྱི་ཡོད། གལ་ཏེ་ཆུ་རྐྱལ་དང་། བྱ་སྒྲོའི་སྤོ་ལོ། དྲ་བའི་སྤོ་ལོ་སོགས་བརྒྱབ་ནས་དཔུང་པ་འགུལ་ན། དཔུང་པར་རྨས་སྐྱོན་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བ།

3.ཕྱི་ནས་རྨས་པ། དཔུང་པ་འཆུས་པའམ་དཔུང་པ་བརྡབས་པ་སོགས་ལས་དཔུང་པར་རྨས་སྐྱོན་ཕོག་སྲིད་པ།

དཔུང་པར་རྨས་སྐྱོན་ཕོག་ན་ཇི་ལྟར་བྱེད་དགོས་སམ།

གལ་སྲིད་དཔུང་པར་རྨས་སྐྱོན་ཕོག་པའི་ནད་རྟགས་ཐོན་ན། ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གི་རུས་ནད་སྡེ་ཁག་ལ་སྨན་པ་བསྟེན་པར་ཕྱིན་ནས། གཟུགས་པོར་བརྟག་དཔྱད་བྱས་ཏེ་ནད་རྟགས་ངོས་འཛིན་པ་བྱེད་དགོས། དཔུང་པར་རྨས་སྐྱོན་ཕོག་པའི་དུས་འགོར་དཔུང་པ་འགུལ་སྐྱོད་མི་གཏོང་བ་དང་སྨན་བཏང་ནས་ན་ཟུག་གཅོག་པ་ལྟ་བུ་གཤག་བཅོས་མ་ཡིན་པར་སྨན་བཅོས་བྱེད་ཆོག་པ་གང་ཞིག་ཚད་ལྡན་གྱི་སྨན་ཁང་དུ་བསྐྱོད་ཐོག་འགུལ་སྐྱོད་ལ་བརྟེན་ནས་ལུས་པོ་གསོ་དགོས། གོང་གི་སྨན་བཅོས་བྱ་ཐབས་ལས་ཕན་འབྲས་མ་ཐོན་ན་གཤག་བཅོས་བྱེད་རྒྱུའི་བསམ་བློ་གཏོང་དགོས།

མིག་སྔར་ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་ནས་དཔུང་པར་རྨས་སྐྱོན་ཕོག་པའི་གཤག་བཅོས་ཚང་མ་ཚིགས་ཀྱི་ཕྲ་མཐོང་ཆེ་ཤེལ་གཤག་བཅོས་ཡིན་པས། རྨ་ཁ་ཆུང་ཆུང་འགའ་ཞིག་ལས་བཟོ་མི་དགོས་པར་ཁྲག་འདོན་ཉུང་བ་དང་རྨ་ཁ་ཆུང་བ་གང་ཞིག་དྲག་སྐྱེད་ཀྱང་མགྱོགས་པོ་ཡོང་གི་ཡོད།

ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་ནས་དྲན་སྐུལ་ཞུ་རྒྱུར། དཔུང་ཚིགས་གཉན་ཁའམ་དཔུང་པར་རྨས་སྐྱོན་ཕོག་པ་གང་ཞིག་ཡིན་རུང་ཚད་ལྡན་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་པ་ལས་རང་དགར་སྨན་གཏོང་བ་སོགས་བྱེད་རྒྱུ་མེད།


ཇི་ལྟར་བྱས་ནས་ཐུམ་འབུའི་ནད་འགོག་བཅོས་བྱེད་དགོས་སམ། ན་ཟུག་བཏང་ན་སྡུག་རུས་གཏན་ནས་བྱ་རྒྱུ་མེད། འདུས་འདྲིལ་གཅོང་ནད་ཐད་ཀྱི་ནོར་འཛོལ། རྒྱལ་ནང་གི་HPVསྔོན་ཁབ་ཐོག་མ་དེ་དངོས་སུ་སྤྱོད་འགོ་ཚུགས་པ། མིག་ནད་སྐྱ་གྲིབ་ཀྱི་མིག་སྨན་བླུགས་ན་ཕན་པ་ཡོད་མེད་སྐོར་ལ། མིག་ནད་སྨན་པ་མཁས་པས་མགྱོགས་པོ་མཚམས་འཇོག་བྱེད་དགོས་པའི་དྲན་སྐུལ་བྱས་པ། སྨན་པས་ཁྱེད་ལ་སྐེད་ཚིགས་རུས་འབུར་ནད་ཀྱི་ན་ཟུག་ཡང་དུ་གཏོང་ཐབས་ཞིག་བསླབ་ཆོག སྐེད་ཚིགས་ཕང་ལོ་ཞེས་པ་ཡང་སྙིང་གང་ལ་ཟེར། སྙིང་ཁམས་ཁྲག་རྩའི་ནད་སྨན་བཅོས་བྱེད་པར་ལྷོད་གཡེང་གཏན་ནས་གཏོང་མི་རུང་། འདུས་འདྲིལ་གཅོང་ནད་སྔོན་འགོག་བྱས་ནས་གཟུགས་གཞི་བདེ་ཐང་ཡོང་བ་བྱེད་དགོས།