ཉི་བཀྲག་ཐེབས་པའི་འགྱིག་དམ་ནང་བླུགས་པའི་ཆུ་བཏུངས་ན་སྐྲན་ནད་ཕོག་པ་ཟེར་བ།

འགྲེམས་བསྒྲགས་དུས་ཚོད།:2022-10-10

དཀྲོག་གཏམ། གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་སྨན་པ་དཀའ་བཅུ་པའི་མཐུན་ཚོགས་ཀྱིས་སྐྲན་ནད་ཕོག་རྐྱེན་ཤེས་རྟོགས་བྱུང་ཡོད། སྤོས་འགྱིག་དྲོད་ཚད་མཐོ་པོའི་འོག་བཞག་ན་སྤོས་འགྱིག་ནས་བྱུང་བའི་རྫས་འགྱུར་དངོས་རྫས་ལས་སྐྲན་ནད་རིགས་52ཕོག་པས། འགྱིག་དམ་ནང་བླུགས་པའི་བཏུང་བྱ་སྣ་ཚོགས་ཡག་ཤོས་བྱུང་ན་འཐུང་རྒྱུ་མེད། 

དོན་དངོས་འགྲེལ་བཤད། མིག་སྔའི་བར་དུ་འགྱིག་ཐུམ་ལས་སྐྲན་ནད་ཕོག་པ་གསལ་བཤད་ཐུབ་པའི་ཚན་རིག་མཐུན་པའི་དཔང་རྟགས་ཁུངས་བཙན་བྱུང་མྱོང་མེད། རྒྱུན་དུ་སྤྱོད་པའི་ཟས་རིགས་ཐུམ་སྒྲིལ་རྒྱག་པའི་འགྱིག་གི་རྒྱུ་ཆའི་གྲས་སུ་འདུས་འདྲེས་ཁ(PE)དང་། འདུས་འདྲེས་ག(PP) འདུས་ཁིལ་ཁ་ཞི(PVC)སོགས་ཡོད་པ་དག་ནི་འདུས་རྡུལ་མང་བའི་རྒྱུ་ཆ་ཡིན་ཞིང་། རྐྱང་ཕུང་མང་པོ་རྫས་འགྱུར་གྱི་ཐབས་ལས་འདྲེས་ནས་གྲུབ་པ་དང་ཆ་རྡུལ་ཚད་ཧ་ཅང་མཐོ་བས་ཐུམ་སྒྲིལ་བརྒྱབ་པའི་ཟས་རིགས་ནང་དུ་འཛུལ་མི་སྲིད། གཞན་ཡང་བཟའ་བཅའི་ཐུམ་སྒྲིལ་བདེ་འཇགས་ཐད་ལ《བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱིས་ལྟ་སྐུལ་དོ་དམ་བྱེད་ཀྱི་ཡོད། དེས་ན་ཁྲོམ་རའི་ཐོག་ཚད་ལྡན་བཟོ་གྲྭ་དང་ཚོང་དུད་ཀྱིས་ཐོན་སྐྱེད་དང་བེད་སྤྱོད་བྱེད་པའི་བཟའ་བཅའི་འགྱིག་ཤོག་ཐུམ་སྒྲིལ་དེ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་དགོས་པས། འགྱིག་ཐུམ་ལས་བཟའ་བཅའི་སྐྲན་ནད་ཕོག་པ་ཟེར་བ་དཀྲོག་གཏམ་རང་རེད། 


གསོ་རིག་མཛེས་བཟོའི་གདོང་གསོས་སྦྱར་སྐྱི་མི་ཚང་མས་སྦྱོར་དགོས་པ་ཟེར་བ། ཁྲག་ཤེད་མཐོ་བའི་ནད་ནི་རྒྱུད་ཁྲིད་རང་བཞིན་གྱི་ནད་ཅིག་ཡིན་པས་སྔོན་འགོག་བྱས་ནའང་ཕན་ཐོགས་མེད། རང་འབབ་ཆུའི་ནང་དུ་སྦྲུམ་འགོག་སྨན་ཡོད་ཟེར་བ། སྔུར་སྒྲ་རྒྱག་པ་ནི་གཉིད་སྐྱིད་པོ་ཁུག་པའི་རྟགས་ཟེར་བ། ཁ་རས་མ་བརྒྱབ་གོང་ངེས་པར་དུ་གཡུག་གཡུག་བྱེད་དགོས། དེ་ལྟར་མ་བྱས་ན་ཁ་རས་ཐོག་གི་འཕྲོ་ལུས་དངོས་པོས་སྐྲན་ནད་བཟོ་སྲིད་ཟེར་བ། ཨའོ་སྨི་ཁེ་རུང་དུག་སྲིན་ཞིབ་དཔྱད་ཚད་ལེན་བྱེད་མི་ཐུབ་ཟེར་བ། ཤ་རྒྱགས་པ་ཞིག་གི་ཁྲག་རྩའི་ནང་ནས་སྣུམ་སིམ་ཐུབ་པས་བསིང་བཅོས་ཀྱི་ཐབས་ལ་བརྟེན་ནས་ལུས་ཤ་སྐམ་ཐུབ། ཕྲུ་གུ་དམར་འབྱར་གྱིས་ཤོག་བུའི་གཅིན་དོར་གྱོན་ན། རྐང་པ་Oདབྱིབས་སུ་གྱུར་བ་དང་རྐུབ་དམར་པོར་གྱུར་སྲིད་ཟེར་བ། ཁྲག་ཐོན་ཚ་ནད་འབྲི་ཏ་ས་འཛིན་བརྒྱུད་ནས་ཁྱབ་འགྲོ་ཡི་ཡོད་ཟེར་བ།