ཕྱི་ནས་ཅ་དངོས་ཉོ་སྐབས་གང་ཞིག་ལ་དོ་སྣང་བྱེད་དགོས་སམ། དྲ་ཐོག་ནས་ཉོས་པའི་ཚོང་ཟོག་ཇི་ལྟར་བླངས་ན་དེ་བས་བློ་བདེ་པོ་ཡོད་དམ། —— རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཉོ་སྒྲུབ་སྐོར་གྱི་འགོག་སྲུང་ཤེས་བྱ།

འགྲེམས་བསྒྲགས་དུས་ཚོད།:2022-10-14

རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། སྔོ་ཚལ་ཉོ་རྒྱུ་དེ་མི་མང་པོ་ཞིག་གི“སེམས་ནད”ཅིག་ལ་གྱུར་ཡོད། ཕྱི་ནས་ཅ་དངོས་ཉོ་སྐབས་གང་ཞིག་ལ་དོ་སྣང་བྱེད་དགོས་སམ། དྲ་ཐོག་ནས་ཉོས་པའི་ཚོང་ཟོག་ཇི་ལྟར་བླངས་ན་དེ་བས་བློ་བདེ་པོ་ཡོད་དམ། ང་ཚོས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བཏོན་པའི་རིམས་ནད་ཐོན་རིང་བློ་བདེ་པོའི་སྒོ་ནས་ཅ་དངོས་ཉོ་སྒྲུབ་སྐོར་གྱི་འགོག་སྲུང་ཤེས་བྱར་མཉམ་དུ་གཟིགས་དང་།

ཕྱི་ནས་ཅ་དངོས་ཉོ་སྐབས་འགོག་སྲུང་ཡག་པོ་བྱས་ཏེ་དུས་ཚོད་དམ་འཛིན་བྱེད་པ་ལས་འདུ་འཛོམས་བྱེད་མི་རུང་།

སྒོ་རྩིས་ཚོང་ཁང་དང་ཚལ་ཁྲོམ་དུ་སོང་ནས་ཉོ་སྒྲུབ་བྱེད་མཁན་ཚོས་སྒོ་མ་ཐོན་གོང་ཁ་རས་ཡག་པོ་རྒྱག་དགོས་པ་དང་ཅ་དངོས་ཉོ་སྒྲུབ་བྱེད་སྐབས་དུས་ཚོད་དམ་འཛིན་བྱེད་དགོས་པ་བློ་ལ་བརྟན་པོར་ངེས་དགོས།

ཕྱིར་མ་ཐོན་གོང་ཁ་རས་ཡག་པོ་རྒྱག་དགོས། སྒོ་རྩིས་ཚོང་ཁང་གི་རླུང་འགྲོ་དེ་ཙམ་ཡག་པོ་མེད་པས་ཁ་རས་རྒྱག་པ་ནི་མཆིལ་མ་མ་ཐོར་བའི་བྱེད་ཐབས་ཅུང་ཡག་པོ་ཞིག་རེད།

ལག་པའི་གཙང་སྦྲ་ཡག་པོ་དགོས། འཁྱེར་བདེའི་དུག་སེལ་གཤེར་ཁུ་དང་དུག་སེལ་ལག་ཕྱིས་རློན་པ་བེད་སྤྱོད་བྱས་ན་ཆོག

སྤྱི་སྤྱོད་དངོས་རྫས་ལ་རེག་མི་རུང་ལ། ལག་པས་ངོ་གདོང་དང་། ཁ་མིག སྣ་བཅས་ལའང་རེག་མི་རུང་། ཁ་མིག་དང་སྣ་ལ་མ་རེག་གོང་སྔོན་ལ་ལག་པ་འཁྲུད་དགོས་པ་དང་། ལག་པ་བཀྲུ་སྐབས་དག་རྫས་སམ་ཡང་ན་གཤེར་ཁུ་སྤྱད་དེ་ཆུ་བཤལ་སྐར་ཆ་20ཙམ་གཏོང་དགོས།

གློ་རྒྱག་པ་དང་ཧབ་སྦྲིད་རྒྱག་སྐབས་ལག་ངར་གྱིས་ཁ་འགེབས་པའམ་ཡང་ན་ཤོག་བུས་ཁ་འགེབས་ཐབས་བྱེད་པ་དང་། ཁ་ལུད་སྣ་ལུད་ཤོག་བུས་བཏུམས་ནས་སྙིགས་ཟོམ་ནང་བླུགས་དགོས།

ཚད་ལྡན་དང་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཡག་པོ་སྤྱད་པའི་ཚོང་ཁང་འདེམས་དགོས། དཔེར་ན་སྒོ་རྩིས་ཚོང་ཁང་གི་རླུང་འགྲོ་དང་། མི་སྣ་ཁག་འགྲེམས། བདེ་ཐང་ལྟ་ཞིབ་ཚད་ལེན་བཅས་ལག་བསྟར་ཡག་པོ་བྱས་ཡོད་མེད་དང་། ད་དུང་སྒོ་རྩིས་ཚོང་ཁང་གི་སྤྱི་པའི་མཁོ་ཆས་དང་། སྒྲིག་བཀོད། ཁུལ་ཁོངས་བཅས་ལ་ཕྱོགས་ཡོངས་ནས་དུག་སེལ་བྱས་ཡོད་མེད་སོགས་ལ་ལྟ་དགོས།

ཅ་དངོས་ཉོ་སྐབས་ལག་པས་ཟས་རིགས་ལ་ཐད་ཀར་མི་རེག་པར་འགྱིག་ཤོག་ཆུང་ངུ་ཞིག་ལག་པར་གཡོགས་ནས་འདེམས་ན་ཆོག ཤ་རིགས་དང་མཚོ་ཟས་སོགས་བཟའ་རིགས་ཉོ་སྐབས་ཤིང་འབྲས་དང་སྔོ་ཚལ་སོགས་ཀྱི་བཟའ་རིགས་དང་དབྱེ་བ་ཕྱེ་ནས་སོ་སོར་ཐུམ་སྒྲིལ་རྒྱག་དགོས།

མི་མང་བའི་དུས་ལས་གཡོལ་གང་ཐུབ་བྱས་ཏེ་ཉོ་སྒྲུབ་རྩིས་ཐོ་སྔ་སྣུར་དུ་བཟོས་ནས་དུས་ཚོད་དམ་འཛིན་གྱིས་ཐད་ཀར་ཉོ་བ་ལས་སྒོ་རྩིས་ཚོང་ཁང་དང་ཚལ་ཁྲོམ་དུ་མགོ་གཡེང་ནས་སྡོད་མི་རུང་།

སྔོ་ཚལ་ཉོ་སྐབས་མི་གཞན་དང་སྨི་1ཡན་གྱི་བར་ཐག་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རབ་བྱུང་ན་ཁ་བརྡ་མི་གློད་པ་མ་ཟད། ཁ་རས་ཕུད་ནས་སྐད་ཆ་ཤོད་པའམ་ཡང་ན་ལྟོ་ཆས་ཟ་མི་རུང་།

དྲ་ཐོག་ནས་ཉོས་པའི་ཅ་དངོས་ལེན་སྐབས་ཁ་རས་རྒྱག་དགོས་ལ་གཙང་སྦྲར་ཡང་དོ་སྣང་བྱེད་དགོས།

དྲ་ཐོག་ནས་ཅ་དངོས་ཉོ་སྐབས་ཚད་ལྡན་གྱི་དྲ་ཐོག་ཚོང་ཁང་འདེམས་པ་ལས་ཡོང་ཁུངས་གསལ་པོ་མེད་པའི་ཚོང་ཟོག་ཉོ་མི་རུང་།

མྱུར་སྐྱེལ་བསྐུར་མ་འབྱོར་སྐབས་རེག་ཐུག་མེད་པའི་བྱེད་སྟངས་སྤྱོད་དགོས་པ་དཔེར་ན། རིག་ནུས་མྱུར་སྐྱེལ་བསྡུ་ལེན་སྒམ་སྤྱོད་དགོས།

མྱུར་སྐྱེལ་བསྐུར་མ་ལེན་སྐབས་ཁ་རས་ཡག་པོ་རྒྱག་དགོས། རབ་བྱུང་ན་ལག་ཤུབས་སྤྱོད་གཅིག་མ་གྱོན་དགོས་པ་ལས་ལག་པས་ཐད་ཀར་མྱུར་སྐྱེལ་བསྐུར་མའི་ཐུམ་སྒྲིལ་ལ་རེག་མི་རུང་།

མྱུར་སྐྱེལ་བསྐུར་མ་བླངས་རྗེས། ཕྱིའི་ཐུམ་སྒྲིལ་གད་གཞོང་ནང་ཐད་ཀར་བླུགས་ནས་རབ་བྱུང་ན་ཁང་པའི་ནང་འཁྱེར་མི་རུང་། ཡིན་གཅིག་འཁྱེར་དགོས་ན་དུག་སེལ་ལག་ཕྱིས་རློན་པས་ཐུམ་སྒྲིལ་གྱི་ངོས་ཕྱིས་པའམ་ཡང་ན་དུག་སེལ་གཤེར་ཁུ་གཏོར་ནས་དུག་སེལ་བྱས་ན་ཆོག

ཕྱིའི་ཐུམ་སྒྲིལ་བཤིག་རྗེས་ངེས་པར་དུ་ཆུ་བཤལ་གཙང་མ་གཏོང་བའམ་ཡང་ན་ལག་པར་དུག་སེལ་བྱེད་པ་སོགས་གཙང་སྦྲ་ཡག་པོ་བྱེད་དགོས།

 


བཅའ་ཁྲིམས་ལ་བརྟེན་ནས་བཟའ་བཅའ་འཕྲོ་བརླག་མི་འགྲོ་བའི་འགན་ལེན་བྱེད་དགོས། ཇི་ལྟར་བྱས་ཏེ་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་འགོག་དགོས་སམ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན་ཇི་ལྟར་བྱེད་དགོས། (གཉིས) ཆུ་སྐྱེས་སྲོག་ཆགས་ཀྱི་སྐྱེ་འཕེལ་དང་ཆུ་ནང་གློད་པ་དང་།དམངས་ཁྲོད་ཀྱིས་ཚེ་ཐར་གཏོང་སྟངས་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་བརྡ་ཐོ། 2022ལོའི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་ཤེས་བྱ། (གཉིས།) 2022ལོའི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་ཤེས་བྱ།(གསུམ།) གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གྱི་གོམ་སྟབས་གསུམ་ལ་དབྱེ་ནས་སྐྱོད་པའི་དམིགས་ཚད་ལས་འགན། ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཚན་རིག་ཁྱབ་གདལ་ཤེས་བྱ། ཞིང་ལས་ཀྱི་འགན་བཅོལ་ཤེས་བྱ་ངོ་སྤྲོད།